གསང་བའི་ལས་གཞིའི་ཐོག་ཉུང་མཐར་ཡང་ཨ་རིའི་རྡུལ་ཕྲན་ཚན་རིག་པ་༡༡ ཡ་མཚན་ཅན་གྱི་སྒོ་ནས་གར་སོང་ཆ་མེད་དུ་གྱུར་བའམ་ཤི་ཡོད།

 གསང་བའི་ལས་གཞིའི་ཐོག་ཉུང་མཐར་ཡང་ཨ་རིའི་རྡུལ་ཕྲན་ཚན་རིག་པ་༡༡ ཡ་མཚན་ཅན་གྱི་སྒོ་ནས་གར་སོང་ཆ་མེད་དུ་གྱུར་བའམ་ཤི་ཡོད།

གསང་བའི་ལས་གཞི་ཆེན་པོ་ཞིག་གི་ནང་ཞུགས་མཁན་རྡུལ་ཕྲན་ཚན་རིག་དང་། དེས་ཨ་རིའི་གྲོས་ཚོགས་ནས་གཟའ་ཟླ་བར་(ཟླ་བ་བཞི་པའི་ཚེས་༢༠)ཛ་དྲག་གི་ཞིབ་བཤེར་ཁྱབ་བསྒྲགས་བྱས་ཡོད། མི་སོ་རི་མངའ་སྡེའི་གྲོས་ཚོགས་འཐུས་མི་ཨེ་རིཀ་བྷར་ལི་སན་གྱིས་དེ་ནི་ཨུ་རུ་སུ་དང་རྒྱ་ནག ཡང་ན་ཨི་རན་གྱིས་མཉམ་འབྲེལ་གྱི་བྱ་སྤྱོད་ཅིག་ཡིན་པའི་བསམ་འཆར་བཏོན་ཡོད། ཕོ་བྲང་དཀར་པོས་ཛ་དྲག་གི་གསལ་བསྒྲགས་ཤིག་སྤེལ་བའི་ནང་ཨེཕ་བྷི་ཨའི་(FBI)དང་པེན་ཊ་གྷོན་ (Pentagon) སོགས་གཞུང་གི་ལས་ཁུངས་འདྲ་མིན་གྱིས་གནད་དོན་དེའི་ཐོག་རྟོག་ཞིབ་བྱེད་བཞིན་ཡོད་པའི་སྐོར།


གཟའ་ཟླ་བའི་ཉིན་ཉིན་རེའི་ཡིག་ཟམ་གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན།


གྲོས་ཚོགས་ཀྱི་ལྟ་སྐུལ་དང་བསྒྱུར་བཅོས་ལྷན་ཁང་གིས་ཨ་རིའི་ཚན་རིག་གི་གནས་ཚུལ་ཚབས་ཆེན་ལ་ཐོབ་ཐང་ཡོད་པའི་མི་སྒེར་གྱི་ཡ་མཚན་ཅན་གྱི་གར་སོང་ཆ་མེད་དང་ཤི་རྐྱེན་གྱི་སྙན་ཞུ་གཏན་འཁེལ་མ་བྱུང་བར་ཞིབ་བཤེར་བྱེད་བཞིན་ཡོད།


དེ་ཡང་ཁོང་གིས་“སྙན་ཞུ་འདི་དག་གིས་ཉེ་བའི་ལོ་ཤས་ནང་ཨ་རིའི་རྡུལ་ཕྲན་གསང་བའམ་ཡང་ན་མེ་ཤུགས་འཕུར་མདའི་འཕྲུལ་རིག་དང་འབྲེལ་བ་ཡོད་པའི་མི་ཉུང་མཐར་ཡང་མི་༡༠ཤི་བའམ་ཡང་ན་ཡ་མཚན་ཅན་གྱི་སྒོ་ནས་གར་སོང་ཆ་མེད་དུ་གྱུར་བ་སྟོན་གྱི་ཡོད།”


ཀོ་མར་གྱིས་མུ་མཐུད་དུ་ “གལ་ཏེ་སྙན་ཐོ་འདི་དག་གཏན་འཁེལ་ཡིན་ན།


གསར་འགྱུར་དུས་དེབ་ཀྱི་གནས་ཚུལ་སྤེལ་བར་གཞིགས་ན། མི་སོ་རི་གྲོས་ཚོགས་འཐུས་མི་ཨེ་རི་ཀ་བྷར་ལི་སན་གྱིས་སྤྱི་མཐུན་ཚོགས་པའི་ཚོགས་མི་ཞིག་ཡིན་པ་དང་། ཁོས་དམངས་གཙོ་ཚོགས་པའི་ཚོགས་མི་དང་མཉམ་ལས་བྱས་ཏེ་ཨེཕ་བྷི་ཨའི་ཡིས་གནས་ཚུལ་དེར་ཞིབ་བཤེར་བྱེད་དུ་འཇུག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས།


དྲ་ཐོག་ནས་གྲོས་བསྡུར་བྱེད་པའི་བརྗོད་གཞི་ཞིག་ཏུ་གྱུར་བའི་ཨ་རིའི་ཚན་རིག་པ་འདི་དག་གར་སོང་ཆ་མེད་དུ་གྱུར་བའམ་ཤི་བའི་དཔེ་རིས་དེ་... “ཕྱི་རྒྱལ་གྱི་བྱ་སྤྱོད།”


ང་ཚོ་རྒྱ་ནག་དང་། ཨུ་རུ་སུ། ཨི་རཱན་བཅས་ལ་རྡུལ་ཕྲན་ལག་རྩལ་དང་། ཡར་ཐོན་ཅན་གྱི་མཚོན་ཆ། བར་སྣང་བཅས་ཀྱི་ཐད་ལ་འགྲན་བསྡུར་བྱེད་བཞིན་ཡོད།


དེ་ཡང་ཁོང་གིས་“འདི་ཕྱི་རྒྱལ་གྱི་ལས་དོན་གྱི་རྟགས་མཚན་གྱིས་ཁེངས་ཡོད། ངས་ངའི་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་དང་མཉམ་དུ་ལས་ཀ་བྱེད་བཞིན་ཡོད། Newsweek ཡིས་གནས་ཚུལ་སྤེལ་གསལ།